May you live long, Your Majesty Jigme Khesar Namgyal Wangchuck

༉ མངའ་བདག་རྒྱལ་པོ་འབྲུག་གི་དཀོན་མཆོག་ཨིན། །
མི་སེར་ཡོངས་ཀྱི་མཛེས་པའི་མེ་ཏོག་ཨིན། །
མེ་ཏོག་བཟུམ་སྦེ་ཁ་དོག་མཛེས་པར་ཤོག །
མངའ་བདག་རྒྱལ་པོ་སྐུ་ཚེ་རིང་བར་ཤོག ། ༢

མངའ་བདག་རྒྱལ་པོ་འབྲུག་གི་ཕ་མ་ཨིན། །
མི་སརེ་ཡོངས་ཀྱི་དད་པ་དམ་ཚིག་རྒྱས། །
མངའ་བདག་རྒྱལ་པོའི་ཐུགས་བདེན་གྲུབ་པར་ཤོག །༢
མངའ་བདག་རྒྱལ་པོ་སྐུ་ཚེ་རིང་བར་ཤོག །༢

མངའ་བདག་རྒྱལ་པོ་ཕྱི་གི་ལྕགས་རི་འདྲ། །
མངའ་བདག་རྒྱལ་པོ་ནང་གི་ནོར་བུ་འདྲ། །
ང་བཅས་འབྲུག་གི་མི་སེར་ཁ་རྗེ་བཟང༌། །༢
མངའ་བདག་རྒྱལ་པོ་སྐུ་ཚེ་རིང་བར་ཤོག །༢

མངའ་བདག་རྒྱ་ལ་པོ་ཁྲི་གདུགས་ཉི་མ་འདྲ། །
མི་སེར་ཡོངས་ཀྱི་མུན་པ་སེལ་མཁན་ཨིན། །
རྒྱལ་ཁབ་ཡོངས་ལ་མུན་པ་གསལ་བར་ཤོག །༢
མངའ་བདག་རྒྱལ་པོ་སྐུ་ཚེ་རིང་བར་ཤོག །༢

གསེར་ཁྲི་དགུང་ལུ་བཞུགས་མི་རྒྱལ་པོ་མཆོག །
མི་སེར་ཡོངས་ཀྱིས་བཀྲིས་ཁ་དར་ཕུལ། །
བཀྲ་ཤིས་ཁ་དར་བཀྲ་ལ་ཤིས་པར་ཤོག །
བཀྲ་ཤིས་ཁ་དར་གཡང་ལ་ཆགས་པ་ཤོག །

མངའ་བདག་རྒྱལ་པོ་སྐུ་ཚེ་རིང་བར་ཤོག །
མངའ་བདག་རྒྱལ་པོ་ཞབས་པད་བརྟན་པར་ཤོག །
མངའ་བདག་རྒྱལ་པོའི་ཐུགས་བདེན་གྲུབ་པར་ཤོག །༢