ཨོཾ་སྭསྟི། རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་ལས་བལྟམས་པའི། །གསང་གསུམ་མཛད་འཕྲིན་སྟོན་ཟླའི་འོད་སྟོང་གིས། །ཐུབ་བསྟན་ཀུ་མུཏ་འཛུམ་རྒྱ་འགྲོལ་མཛད་པ། །ངག་དབང་འཇིགས་མེད་ཆོས་གྲགས་ཞབས་བརྟན་གསོལ། །མདོ་སྔགས་ཆོས་ཚུལ་ཟབ་ཅིང་རྒྱ་ཆེའི་བཅུད། །སྨིན་གྲོལ་བསྐྱེད་རྫོགས་གདམས་པའི་ཟིལ་དངར་རྒྱུན། །སྐལ་ལྡན་བུང་བའི་ཚོགས་ལ་འགྱེད་པའི་གཉེན། །ངག་དབང་འཇིགས་མེད་ཆོས་གྲགས་ཞབས་བརྟན་གསོལ། །དེ་ལྟར་གསོལ་བཏབ་སྨོན་པའི་བདེན་མཐུ་ཡིས། །མགོན་ཁྱོད་བསྟན་དང་འགྲོ་བའི་གཙུག་རྒྱན་དུ། །ཞབས་ཟུང་རྡོ་རྗེ་ཁྲི་ལས་མི་གཡོ་བར། །བསྐལ་བརྒྱར་ཆོས་འཁོར་བསྐོར་བཞིན་བཞུགས་སུ་གསོལ། །ཞེས་པ་འདིའང་ཡོན་ཏན་འོད་ཀྱིས་སྨོན་པ་དགེའོ།།
Long Live His Holiness The 70th Je Khenpo of Bhutan