Parinirvana of 68th Je Khenpo

68th Je Khenpo of Bhutan

ད་ཆར་སྐྱབས་མགོན་དཔལ་ལྡན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན། སྐྱབས་རྗེ་ཁྲི་ཟུར་རིན་པོ་ཆེ་བསྟན་འཛིན་དོན་ཀུན་གྲུབ་པའི་སྡེ་དཔལ་བཟང་པོའི་ཞབས་ཟླ་༢་པའི་ཚེས་བཅོ་ལྔའི་དུས་ཆེན་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པ་ལ། ཞིང་གཤེགས་དམ་པའི་དགོངས་རྫོགས་ཚོགས་པ་ནས་ཇི་ལྟར་བཀའ་སྩལ་གནང་བ་བཞིན། འདི་གའི་འབྲུག་ཀརྨ་ལེགས་བཤད་གླིང་གི་ཆོས་སྡེ་ནས་བདུན་ཕྲག་གཅིག་གི་རིང་དཀར་མེ་སྟོང་མཆོད་དང༌། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གང་མང་གསོག་རྒྱུའི་ཁས་བླང་འབུལ་བ་ལགས་ན། སྐུ་ཉིད་རེ་ཞིག་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་ཀྱང་སླར་ཡང་བསྟན་དང་འགྲོ་བའི་དོན་དུ་མྱུར་དུ་འབྱོན་པར་གསོལ་བ་འདེབས་པ་ལགས།