108 sponsors 2016-2017

108 sponsor of the Karma Leksheyling school dormitory building and prayer hall 2016-2017

༈ སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡིས་མཐུས། །འགྲོ་བ་རྣམས་ནི་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །བསོད་ནམས་སྟོབས་ཆེན་འདི་ཡིས་མཐུས། །སྦྱིན་བདག་འཁོར་དང་བཅས་པ་རྣམས། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང༌། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང༌། །བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །འབད་དང་རྩོལ་བ་མི་དགོས་པར། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། །།སརྦ་མངྒ་ལཾ།